བོད་ཡིག་སྦྱར་ཡིག

ངའི་སྐོར།
- མིང་། - བློ་བཟང་རྒྱ་མཚོ་སྲི་ཐར།
- ཕ་ཡུལ། - སྐྱིད་གྲོང་།
- སྡོད་གནས། - དྷ་རམ་ས་ལ།
- ལས་གནས། - བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན།
གུས་པ་ ༡༩༨༢ ལོར་བཞུགས་སྒར་དྷ་རམ་ས་ལར་སྐྱེས། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ (Upper TCV) ནས་སློབ་གྲྭ་མཐར་ཕྱིན་ཏེ་རྒྱ་གར་ལྷོ་ཕྱོགས་ཅེ་ནཡེ། (Chennai) ལོ་ཡ་ལ་མཐོ་སློབ་(Loyola College) ནས་ (B.Sc. Computer Science) ཀློག་ཀླད་ཚན་རིག་གི་གཙུག་ལག་རབ་འབྱམས་པ་ལེགས་ཐོན་གྱིས་གསེར་གྱི་རྟགས་མ་ཐོབ། གུས་པས་མུ་མཐུད་དེ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌན་ (London) མཐོ་སློབ་ནས་མཉེན་ཆས་བཟོ་ སྐྲུན་རིག་པའི་(Software Engineer) སློབ་སྦྱོང་བྱས། དེ་ནས་དྷ་རམ་ས་ལར་ཕྱིར་ལོག་རྗེས་བོད་པའི་སྤྱི་ཚོགས་ནང་དྲ་རྒྱའི་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་རྒྱལ་སྤྱིའི་ཉམས་ཞིབ་པ་བྱས་དང་བྱེད་མུས་ཡིན། ༢༠༡༡ ནས་ ད་བར་གུས་པ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ (Tibet Action Institute ) བརྡ་འཕྲིན་སྲུང་སྐྱོབ་ལས་གཞིའི་འགན་འཛིན་བྱེད་བཞིན་ཡོད།
གུས་པའི་ཆེད་ལས་དང་། རིགས་གཅིག་རྐང་འཛིན། ཉམས་མྱོང་སོགས་གང་ས་ནས་བོད་ཀྱི་རྩ་དོན་དང་གྲོས་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པའི་ཡིད་ཆེས་ཡོད་པའི་རྐྱེན་གྱིས་ད་རེས་སྐབས་ ༡༧ པའི་དབུས་གཙང་སྤྱི་འཐུས་ཀྱི་འོས་མིར་ལང་རྒྱུ་ཡིན། ངས་འདས་པའི་ལོ་ངོ་ ༡༠ ལྷག་གཞིས་བོད་ཚོ་དང་འབྲེལ་ཐག་ཉེ་པོའི་ཐོག་ནས་མཉམ་ལས་བྱས་པ་དང་། དེ་བཞིན་དུ་བོད་ཀྱི་གསར་ཁང་དང་། རྒྱལ་སྤྱིའི་དྲ་རྒྱའི་རང་དབང་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོའི་ནང་ལའང་ལས་ཀ་བྱས་པའི་ཉམས་མྱོང་ཡོད། ཉེ་བའི་ཆར་ང་རང་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་(USCIRF)གིས་གོ་སྒྲིག་ཞུས་པའི་ “རྒྱ་ནག་ནང་ཆོས་དད་ཉུལ་ཞིབ་” ཐོག་གི་ཚོགས་འདུར་ཆེད་ལས་པའི་དཔང་པོར་མགྲོན་འབོད་བྱུང་སྟེ་ཚོགས་འདུར་མཉམ་བཞུགས་བྱེད་རྒྱུའི་གོ་སྐབས་ཐོབ་བྱུང་།
དེ་སྔ་བོད་པའི་སྐུ་ཚབ་བྱས་ཏེ་ཨིན་ཌོ་ནེ་ཤི་ཡར་(Indonesia)ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་(UN)ཀྱིས་སྣེ་འཁྲིད་པའི་དྲ་རྒྱའི་དབང་སྒྱུར་གྱི་ཚོགས་འདུར་མཉམ་ཞུགས་དང་བོད་དོན་གླེང་སློང་བྱས་པ་ཡིན། དེ་བཞིན་དུ་སི་ཊོག་ཧོམ་སུ་ཝི་ཌན་(Stockholm, Sweden) ཕི་ལི་པིན་(Philippine ) སན་ཕ་རན་སིས་ཀོ་(San Francisco) ཊོ་རན་ཊོ(Toronto) སོགས་རྒྱལ་ཁབ་མང་པོའི་ནང་དྲ་རྒྱའི་ཚོགས་འདུ་ཆེ་འབྲིང་ཆུང་གསུམ་མང་པོར་ཧུར་བརྩོན་མཉམ་ཞུགས་བྱེད་མྱོང་ཡོད། ཊོ་རན་ཊོ་མཐོ་སློབ་(Global Cyber Stewards Network, Citizen Lab, University of Toronto)ནང་གི་སློབ་སྟོན་རྒྱུན་ལས་པའང་བྱེད་མྱོང་། ༢༠༡༨ ལོར་དྲ་རྒྱའི་རང་དབང་དུས་ཆེན་ཚོགས་པས་(Internet Freedom Festival) གོ་སྒྲིག་ཞུས་པའི་འཛམ་གླིང་ནང་གི་དྲ་རྒྱའི་རང་དབང་གི་དུས་ཆེན་ཆེ་ཤོས་དེ་ལ་ཡང་མཆེད་གྲོགས་་(Fellow)ཚོགས་བཅར་མཉམ་ཞུགས་བྱེད་མྱོང་། དེ་བཞིན་དུ་ཨ་རིའི་ཁད་ལི་ཧྥོར་ནི་ཡའི་བྷར་ཀེ་ལེ་མཐོ་སློབ་(University of California, Berkeley)ནང་ཡོད་པའི་དྲ་རྒྱའི་བདེ་འཇགས་ཐད་(Citizen Clinic)ཀྱི་སློབ་སྟོན་པ་ལོ་གཉིས་རིང་(༢༠༡༨ - ༢༠༢༠)བསྐོ་བཞག་བྱུང་།
བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱའི་བདེ་སྲུང་དང་། ཞིབ་བཤེར། སོ་ལྟ་སོགས་དྲ་རྒྱའི་རང་དབང་དང་། དེ་མིན་དྲ་རྒྱའི་རང་དབང་དང་འབྲེལ་བའི་ཐོག་བོད་དང་རྒྱལ་སྤྱིའི་གསར་ཁང་གི་སྡིངས་ཆ་མང་པོའི་འདྲི་རྩད་ཁག་ལ་གདོང་ལེན་ལན་འདེབས་བྱས་དང་བྱེད་མུས་ཡིན།
༢༠༡༡ ལོར་བཀའ་ཁྲི་ཟུར་པ་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་བློན་ཁྲི་པར་འོས་འཕེན་ཡོང་བའི་ལས་འགུལ་ཆེད་སྐུ་ངོ་དང་ལྷན་དུ་བོད་མིའི་གཞིས་ཆགས་མང་ཆེ་བའི་ནང་འགྲོ་རྒྱུའི་གོ་སྐབས་བྱུང་བར་བརྟེན། གཞིས་ཆགས་ནང་གི་བོད་མི་ཚོ་དང་ཐུག་འཕྲད་བྱས་ཏེ་ཁོང་ཚོའི་གནས་བབ་དང་། དཀའ་སྡུག གྲུབ་འབྲས་སོགས་ལ་ཞིབ་ཚགས་ཐོག་ནས་མཐོང་ཚུལ་དང་ཉམས་མྱོང་བསགས་རྒྱུའི་གོ་སྐབས་བྱུང་། ང་ཚོ་མི་རབས་གཞོན་པའི་ངོས་ནས་གང་ཐུབ་ཀྱིས་དམངས་གཙོའི་ཆ་ཤས་བླངས་ནས་མི་རབས་རྒན་པའི་བཀྲིན་དང་ཞབས་རྗེས་ལོན་པ་ཞིག་ངེས་པར་དུ་བྱེད་དགོས་འདུག་བསམ་པའི་ཚོར་བ་དྲག་པོ་སྐྱེས་བྱུང་། དེ་བཞིན་ངས་སྐུ་ངོ་བཀྲས་མཐོང་དང་ལྷན་དུ་ “བཙན་བྱོལ།” ཞེས་པའི་བོད་མིའི་པར་རིས་ཡིག་ཚགས་ཀྱི་དཔེ་དེབ་གཅིག་རྩོམ་སྒྲིག་གི་ལས་གཞིར་མཉམ་རོགས་ཞུས་པ་ཡིན། དེབ་དེ་ནི་ ༡༩༥༩ ནས་ ༡༩༨༩ བར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་པའི་བཙན་བྱོལ་དུ་ཕེབས་པའི་མི་རབས་དང་པོ་ཚོས་ས་ཆ་སྦར་མཐིལ་གང་མེད་པའི་ཐོག་ནས་བཙན་བྱོལ་བོད་མིའི་བཟོ་གཞིས་སློབ་གསུམ་འཛུགས་སྐྲུན་གྱི་ལས་གཞི་སྐྱོང་ཚུལ་སྐོར་གྱི་དེབ་ཅིག་ཡིན།
གལ་སྲིད་རྣམ་པ་ཚོས་གུས་པ་ད་རེས་སྐབས་ ༡༧ པའི་སྤྱི་འཐུས་ལ་འོས་པར་གཟིགས་ཚེ། ང་ལ་འོས་འཕེན་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན་ལགས་།
- https://www.wired.co.uk/ - འཛམ་གླིང་འདིར་སྐད་གྲགས་ཆེ་བའི་འཕྲུས་ཆས་དང་དྲྭ་རྒྱའི་དུས་དེབ་(WIRED)ཅིག་གིས་མ་འོངས་པའི་འཛམ་གླིང་གི་ཡར་རྒྱས་དང་གསར་གཏོད་ཀྱི་ལས་དོན་སྒྲུབ་མཁན་མི་ ༣༢ ངོས་འཛིན་བྱུང་བ་དེ་དག་གི་གྲས་སུ་ང་འདེམས་ཐོན་བྱུང་ཡོད་། ༢༠༢༠།༡༢།༣
- https://www.uscirf.gov - ང་རང་ཨ་རི་གཞུང་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ཚོགས་ཆུང་ (USCIRF) གིས་གོ་སྒྲིག་ཞུས་པའི་ “རྒྱ་ནག་ནང་ཆོས་དད་ཉུལ་ཞིབ་” ཐོག་གི་ཚོགས་འདུར་ཆེད་ལས་པའི་དཔང་པོར་མགྲོན་འབོད་བྱུང་སྟེ་ཚོགས་འདུར་མཉམ་བཞུགས་བྱེད་རྒྱུའི་གོ་སྐབས་ཐོབ་བྱུང་། ༢༠༢༠།༠༧།༢༢
- http://www.iats.info ཕ་རན་སིའི་རྒྱལ་ས་པེ་རི་སིར་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་ ༡༥ པར་ཚོགས་བཞུགས་ཀྱིས་"བོད་ཡིག་དང་བརྡ་འཕྲིན་འཕྲུལ་ལས།" དང་འབྲེལ་བའི་སྒྲོག་སྦྱངས་ཞུས། ༢༠༡༩།༧།༧-༡༣
- TIBCERT.ORG TIBCERTགསར་འཛུགས་ཀྱིས། མཉམའབྲེལ་དང་ཤེས་བྱ་བརྒྱུད་སྤེལ་གྱི་ལམ་ཁ་རྒྱུད་དེ། བེད་པའི་ཚོགས་པ་སྒྲིག་འཛུགས་ཁག་གི་འཕྲུལ་རིགས་ཀྱི་ནུས་པ་བསྐྱེད་བསྲིང་དང་བདེ་འཇགས་སྲ་བརྟན་བཟོ་རྒྱུ་དེ་ཡིན། ༢༠༡༨།༨
- https://cltc.berkeley.eduཨ་རིའི་ཁད་ལི་ཧྥོར་ནི་ཡའི་བྷར་ཀེ་ལེ་མཐོ་སློབ་ (University of California, Berkeley) ནང་ཡོད་པའི་དྲ་རྒྱའི་བདེ་འཇགས་ཐད་ (Citizen Clinic) ཀྱི་སློབ་སྟོན་པ་ལོ་གཉིས་རིང་བསྐོ་བཞག་བྱུང་། ༢༠༡༨།༡༠ - ༢༠༢༠།༩
- http://tibetansinexile.org"བཙན་བྱོལ།” ཞེས་པའི་ ༡༩༥༩ ནས་ ༡༩༨༩ བར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་པའི་བཙན་བྱོལ་དུ་ཕེབས་པའི་མི་རབས་དང་པོ་ཚོས་ས་ཆ་སྦར་མཐིལ་གང་མེད་པའི་ཐོག་ནས་བཙན་བྱོལ་བོད་མིའི་བཟོ་གཞིས་སློབ་གསུམ་འཛུགས་སྐྲུན་གྱི་ལས་གཞི་སྐྱོང་ཚུལ་སྐོར་གྱི་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་པ་ཡིན། ༢༠༡༧།༣།༣༡
འོས་བསྡུའི་དྲིལ་བསྒྲགས་རྒྱུ་ཆ།
དབྱིན་ཡིག་སྦྱར་ཡིག
Nomination Flyer
འབྲེལ་གཏུགས།
ཁ་པར། 9882407365 ཡང་ན་གློག་འཕྲིན། info@lobsangsither.com